首页 > 新闻动态 > 通知公告
【文体活动】关于2020年治多县“第三届全民健身运动会”的通知
来源:    时间:2020年08月31日    

འབྲི་སྟོད་རྫོང་སྐབས་གསུམ་པའི་དམངས་ཡོངས་ལུས་རྩལ་བྱ་འགུལ་ཚོགས་ཆེན་གྱི་

འབྲེལ་ཡོད་བརྡ་སྦྱོར།

རྫོང་ཨུའི་ཁག་སོ་སོ་དང་།  རྫོང་ཐེ་གཏོགས་ཀྱི་ལས་ཁུངས་སོ་སོ།  ཞང་ལྔ་གྲོང་བརྡལ་གཅིག་དང་། སློབ་གྲྭ་དང་གཞིས་ཁུལ།  སྤྱི་ཚོགས་ཀྱི་ཚོགས་པ་སོ་སོ་བཅས་ལ་ཞུ་དོན།

ཁྱོན་ཡོངས་ནས་དམངས་ཡོངས་ཀྱི་ལུས་རྩལ་བདེ་ཐང་གི་སྲོལ་ཡིག་དང་དམངས་ཡོངས་ལུས་རྩལ་བདེ་ཐང་གི་འཆར་ཟིན་༢༠༡༦ནས་༢༠༢༠བར་གྱི་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དམིགས་སུ་འཛིན་ཏེ། དམངས་ཡོངས་ལུས་རྩལ་སྦྱོང་བརྡར་གྱི་བྱ་འགུལ་གཏིང་ཟབ་ངང་སྤེལ་བར་སྐུལ་འདེད་གཏོང་ཆེད། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་དང་འཚོ་བའི་སྤུས་ཚད་མུ་མཐུད་མཐོར་འདེགས་གཏོང་རྒྱུ་དམིགས་འབེན་གཙོ་བོ་བྱས་ཏེ། རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་ཡར་ཞུ་ཆོག་མཆན་ཐོབ་པར་གྱུར་ཏེ། ད་ལམ་སྤྱི་ལོ་༢༠༢༠ལོའི་སྤྱི་ཟླ་༩བའི་ཚེས་༨ཉིན་ནས་༡༠བར་འབྲི་སྟོང་རྫོང་མི་རིགས་ལུས་རྩལ་ཐང་ཆེན་ནས་འབྲི་སྟོད་རྫོང་སྐབས་གསུམ་པའི་དམངས་ཡོངས་ལུས་རྩལ་བྱ་འགུལ་ཚོགས་ཆེན་གཟབ་རྒྱས་ངང་སྤེལ་རྒྱུ་ཡིན་པས། འགྲན་ཞུགས་མིང་འགོད་ཀྱི་འབྲེལ་ཡོད་དོན་ཚན་བརྡ་སྦྱོར་གཤམ་གསལ་ལྟར་ལགས་ཤིང་། ཞང་གྲོང་དང་གཞིས་ཁུལ། ལས་ཁུངས།  སློབ་གྲྭ་སོ་སོ་བཅས་ཀྱིས་དོ་ཁུར་དང་གཟིགས་སྐྱོང་གལ་ཆེན་མཛད་དེ་འགྲན་ཞུགས་མིང་འགོད་གནང་རྒྱུ་དྲན་སྐུལ་གྱི་གསལ་འདེབས་ཆེད་དུ་ཞུ་བ་ལགས།


གཅིག   མཛུབ་སྟོན་བསམ་བློ།
དམངས་ཡོངས་ཀྱི་ལུས་རྩལ་སྦྱོང་བརྡར་སྲོལ་ཡིག་དང་དམངས་ཡོངས་ཀྱི་ལུས་རྩལ་སྦྱོང་བརྡར་འཆར་ཟིན་༢༠༡༦ནས་༢༠༢༠བར་གྱི་གཙོ་བོ་བྱས་ཏེ་སྲིད་གཞུང་གིས་དམངས་ཡོངས་ལུས་རྩལ་ཐུན་མོང་ཞབས་ཞུ་སྒྲུབ་པའི་འགན་འོས་ལག་ལེན་བྱེད་པར་གཞོག་འདེགས་ཐུབ་པ་དང་།  ཐུན་མོང་ལུས་རྩལ་ཞབས་ཞུ་མ་ལག་འཛུགས་སྐྲུན་བྱ་རྒྱུ་ལྟེ་བ་འཛིན་པ་དང་། དམངས་ཡོངས་ལུས་རྩལ་སྦྱོང་བརྡར་གྱི་བྱ་འགུལ་ཆེན་མོ་གཙོ་བོ་འཛིན་ནས་སྤེལ་བ་དང་།  རང་རྫོང་གི་ལུས་རྩལ་བྱ་འགུལ་ཆུ་ཚད་དང་དམངས་ཡོངས་ཀྱི་ལུས་ཕུང་བདེ་ཐང་སྤུས་ཚད་མུ་མཐུདམཐོར་འདེགས་འགྲོ་བར་སྐུལ་འདེད་ཐོན་དགོས་པ་དམིགས་སུ་དམ་པ་ཡིན།

གཉིས།   མིང་འགོད་དུས་ཚོད་དང་ས་གནས།
མིང་འགོད་དུས་ཚོད།  ༢༠༢༠ལོའི་ཟླ་༨པའི་ཚེས་༣༡ཉིན་ནས་ཟླ་༩བའི་ཚེས་༦ཉིན་གྱི་བར་ཡིན།
མིང་འགོད་ས་གནས།  འབྲི་སྟོད་རྫོང་རིག་རྩལ་ཀུན་ཁྱབ་བརྙན་འཕྲིན་ཡུལ་སྐོར་ཅུའུ། (འབྲི་སྟོད་རྫོང་སྲིད་འཛིན་ཐོག་བརྩེགས་གསུམ་པའི་ནང་དུ་ཡོད།)

འབྲེལ་གཏུག་མི་སྣ། 
 དོན་འགྲུབ་དབང་རྒྱལ།   ༡༨༨༠༩༧༦༣༤༣༩

         ཚེ་རིང་རྡོ་རྗེ།   ༡༧༨༨༧༨༧༠༠༥༠

      ཚེ་རིང་དཔལ་སྒྲོན།   ༡༥༥༩༧༣༢༧༣༣༥

    སྐལ་བཟང་སྒྲོལ་དཀར།  ༡༥༥༠༩༧༨༣༦༦༥


གསུམ།   རྩེད་རིགས་རྣམ་གྲངས།
༡་ མི་རིགས་ལུས་རྩལ།  བོད་ལུགས་ཤེད་རྡོ་བཅག་རྒྱུ། ཕོ་མོ།  ཐགས་འཐེན་རྩེད་མོ། ཕོ་མོ།  སྒ་ཞོ་ལྡག་རྩེད། ཕོ་མོ།  གླང་ཆེན་འཐེན་རྩེད། ཕོ།  ཐགས་མཆོང་རོལ་རྩེད། ཕོ་མོ།  ལུག་ཐེ་རྒྱག་རྩེད།  

༢་ ཐེན་ཅིན་རྩེད་རིགས། ཕོ་མོ་མཐུད་རྒྱུག་རྩེད་རིགས། མཐོ་མཆོང་དམའ་མཆོང་རྩེད་རིགས། ཕོ་མོ། རིང་རྒྱུག་ཐུང་རྒྱུག་རྩེད་རིགས། ཕོ་མོ། ལྕགས་རྡོ་རྒྱང་འཕེན་རྩེད་རིགས། ཕོ་མོ།
༣་ རྐང་བགྲོད་གྲོང་སྐོར། ན་གཞོན་ཕོ་མོ་རུ་ཁག  ལོ་༡༥ནས་༣༩བར།  དར་མའི་ཕོ་མོ་རུ་ཁག ལོ་༤༠ནས་༥༥བར། རྒན་རབས་ཕོ་མོ་རུ་ཁག  ལོ་༥༦ཡན་ཆོད།

བཞི།  མིང་འགོད་བྱེད་ཐབས། 
༡་ ཐུན་མོང་འགྲན་རྩེད། ཐགས་པ་འཐེན་རྩེད། མཐུད་རྒྱུག་འགྲན་བསྡུར་སོགས་ཞང་གྲོང་དམིགས་སུ་འཛིན་པ་དང་། རྫོང་ཐེ་གཏོག་ལས་ཁུངས་ཁག་གི་ལས་ཁུངས་སོ་སོའི་མ་ལག་གཞི་རུ་འཛིན་རྒྱུ། 
༢་ མི་སྒེར་འགྲན་རྩེད། སྒ་ཞོ་ལྡག་རྩེད། གླང་ཆེན་ཐགས་འཐེན། བོད་ལུགས་ཤེད་རྡོ་བཅག་རྒྱུ། ལུག་ཐེ་རྒྱག་རྩེད། བོད་ལུགས་རྡོག་རྩེད།རིང་རྒྱུག་ཐུང་རྒྱུགམཐོ་མཆོང་དམའམཆོང་། ལྕགས་རྡོ་རྒྱང་འཕེན། རྐང་བགྲོད་གྲོང་སྐོར་སོགས་རྩེད་མོའི་རྣམ་གྲངས་ཡོད།ཞང་གྲོང་དང་རྫོང་ཐེ་གཏོག་ལས་ཁུངས་བཅས་ཀྱིས་ངོ་སྤྲོད་གཞིར་འཛིན་ཏེ་མི་གྲངས་ངེས་གཏན་མེད། 
༣་མིང་འགོད་འགྲན་ཞུགས་མཁན་ཡོད་ཚད་ཐོབ་ཐང་དཔང་ཡིག་དངོས་མ་ཁྱེར་ནས་མིང་འགོད་བྱེད་དུ་ཡོང་དགོས། 




  འབྲི་སྟོད་རྫོང་རིག་རྩལ་ཀུན་ཁྱབ་བརྙན་འཕྲིན་ཡུལ་སྐོར་ཅུའུ།  

      ༢༠༢༠ལོའི་ཟླ་༨པའི་ཚེས་༢༧ཉིན། 

1







关于2020年治多县“第三届全民运动会”的通知

委各部门、县直各机关单位、五乡一镇、各学校、各社区、各社会团体:

为全面贯彻落实《全民健身条例》和《全民健身计划(2016—2020年)》,促进我县全民健身活动深入开展,不断提高广大群众健康水平和生活质量。经县委、县政府同意,2020年9月8日——10日在治多县民族体育场举行治多县第三届全民健身运动会,现将参加报名相关事宜通知如下,请县委各部门、县直各机关单位、五乡一镇、各学校、各社区、各社会团体予以重视,积极参加报名各项赛事活动:

一、指导思想

以习近平新时代中国特色社会主义思想为指导,全面贯彻落实习近平总书记关于体育工作的重要讲话和指示批示精神,统筹推进疫情防控和全民健身工作,以巩固提升治多县创建全国民族团结示范县为统领,增强人民体质,提高健康水平,不断满足全县人民群众日益增长的健身需求,激发全县各部门、县直各机关单位、社团组织、社会力量共同参与,助力全面打赢脱贫攻坚战收官之年,为全面建成小康社会贡献力量。

二、报名时间及地点

报名时间:2020年8月31日——9月6日

报名地址:治多县文体广电旅游局(治多县行政大楼3楼)

联系人员:东周文加 18809763439

       才仁多杰17887870050

       才仁巴卓15597327335

       尕松忠嘎15509783665

三、竞赛项目

民族体育:藏式举重(男、女)、拔河(男、女)、牛鞍舔酸奶(男)、押加(男)、踢毽子(男、女)、“奏”(羊骨游戏)

田径类:4*100米接力赛(男、女);跳高、跳远(男、女);长跑、短跑(男、女)、铅球(男、女)

环城健步走:青年男女组(15-39岁)、中年男女组(40-55岁)、老年男女组(56岁以上)

四、报名方式

(一)集体赛(拔河、4*100米接力赛)以乡镇为单位、县直各机关以系统为单位。

(二)个人赛(牛鞍舔酸奶、押加、藏式举重、“奏”(羊骨游戏)、藏式踢毽子、长跑、短跑、跳高、跳远、铅球、环城健步走)以乡镇、县直单位推荐为主,人数不限。

(三)所有报名人员需持居民身份证方可报名。


        治多县文体广电旅游局

        2020年8月27日


信息来源/治多县文体广电旅游局